༈ ༄༅། །བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་ནག་པོ་ཆེ། །ཁྱོད་ནི་དྲིན་ཅན་རྩ་ བའི་བླ་མ་ནས། །ཁྱབ་བདག་རྡོ་རྗེ་འཆང་ལ་ཐུག་བར་གྱི། །རྩ་བརྒྱུད་བླ་མའི་ངོ་བོར་མངའ་གསོལ་ལོ། །ཕུལ་བྱུང་བདེ་སྟོང་ཕྱོགས་ཀྱི་འཁོར་ལོའི་ངོས། །ཞི་ཁྲོ་རབ་འབྱམས་དབྱར་སྐྱེས་སྤྲིན་སྔོན་ འབུམ། །སྤྲོ་ཞིང་བསྡུ་བའི་གར་མཁན་རྒྱུད་སྡེ་བཞིའི། །ཡི་དམ་ལྷ་ཡི་ཚོགས་སུ་མངས་གསོལ་ལོ། །སྐྱོན་བྲལ་ཡོན་ཏན་ཀུན་མངའ་རྫོགས་སངས་རྒྱས། །སྲིད་ཞིའི་རྒུད་པ་ཀུན་སྐྱོབ་དམ་ [023A]༄༅། །པའི་ཆོས། །རྣམ་དཀར་ཞིང་ས་ཀུན་མཆོག་དགེ་འདུན་ཏེ། །སྐྱབས་གནས་མཆོག་གསུམ་ངོ་བོར་མངའ་གསོལ་ལོ། །བརྗོད་བྲལ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེ། །སྩོལ་མཛད་ གནས་གསུམ་དཔའ་བོ་མཁའ་འགྲོ་དང། །ཐུབ་བསྟན་སྲུང་ལ་མཐུ་སྟོབས་ནུས་པའི་རྩལ། །རབ་རྫོགས་ཆོས་སྐྱོང་གཙོ་བོར་མངའ་གསོལ་ལོ། །ཁྱད་པར་དགྱེས་མཛད་རྡོ་རྗེའི་རྣལ་འབྱོར་པ། །དགོན་ གནས་ཕྱི་ནང་སྲུང་མར་མངའ་གསོལ་གྱིས། །དེང་ནས་ཟུང་འཇུག་གོ་འཕང་མ་ཐོབ་བར། །ཞི་རྒྱས་དབང་དྲག་འཕྲིན་ལས་ལྷུན་གྲུབ་མཛོད། །ཅེས་གུར་མགོན་གྱི་མངའ་གསོལ་འདི་ནི། །དཔྱོད་ལྡན་རྗེ་དྲུང་བློ་ བཟང་ཚེ་རིང་གིས་བསྐུལ་མ་མཛད་དོར། དྷརྨ་བྷ་དྲས་སྦྱར་བའོ། །